
ཁྱོད་ཀྱི་མཆོད་པ་ཁག་ཆེཝ་ལས་ ད་རིས་ཐབས་ཤེས་བཏོན་ད།
ཉམས་ལེན་ལག་ལེན་བཟོ་བཏུབཔ་ཅིག།
ཁྱོད་ཀྱི་ཉམས་ལེན་རྒྱུན་མ་ཆད་པར་འཛིན་སྐྱོང་འབད་ནི་དང་ དེ་ལས་ཆེ་བའི་དོན་ཚན་ཅིག་གི་ཆ་ཤས་ཅིག་བཟོ་ནིའི་ཐབས་ལམ་རྩ་ཅན་ཅིག།
བགྱང་རེ་རེའི་གྱངས་ཁ་ཐོ་བཀོད་འབད་དེ་ གྱངས་ཁ་རེ་རེ་བཞིན་ཁྱོད་ཀྱི་ཉམས་ལེན་ཡར་འཕར་ལྟ་ཚུགས།
ཁྱོད་ཀྱི་ཉམས་ལེན་རང་ཉིད་འདི་ སེམས་ཅན་ག་རའི་ཕན་ཐབས་ལུ་ མཉམ་འབུལ་གྱི་ཆ་ཤས་ཅིག་འགྱུར་གི་འདུག།

ཨང་གནས་ཅན་གྱི་གྱངས་ཁ། ཉེ་འདབས་བརྡ་སྤྲོད་ཡང་ན་སྒྲ་སྐད་ངོས་འཛིན་བཀོལ་ཏེ་ ཉམས་ལེན་ལུ་དཀའ་ངལ་མེད་པ་བཟོ་ཡོད།
ཁྱོད་ཀྱི་དད་པ་རང་ཉིད་ སྙིང་རྗེ་དང་མཐུན་འབྲེལ་གྱི་འགྲུལ་ལམ་མཉམ་པ་དང་འབྲེལ་བཅུག།
ལག་ལེན་པའི་ཉམས་མྱོང་།
ཁྱོད་ཀྱི་ཆོས་ཀྱི་ཉམས་ལེན་འཚོ་བ་རྒྱུན་ལྡན་ནང་འབྲིང་ནིའི་དོན་ལུ་ བསམ་ཞིབ་ཀྱིས་བཟོ་བའི་ཨང་གནས་ཅན་གྱི་ཉམས་མྱོང་ཅིག་འཚོལ་ལོ། སྔགས་ཚུ་བལྟ་སྟེ་ བགྱང་གྱངས་ཐོ་བཀོད་འབད་དེ་ ཁྱོད་ག་ཏེ་ཡོད་རུང་རྒྱུན་མ་ཆད་པའི་ཉམས་ལེན་ཅིག་འཛུགས་སྐྱོང་འབད།



ཁྱད་ཆོས་ ༠1
གྱངས་ཁ་རྐྱབ་ནིའི་དོན་ལུ་ ལགཔ་གིས་ཕྱེངམ་འཐེན་དོ་བཟུམ་བརྙན་ཐང་གུ་ཕྱེངམ་གི་པར་འཐེན་དགོ། ཁྱོད་ཀྱིས་བསགས་པའི་བསོད་ནམས་འདི་གྲངས་བསྡོམས་ནང་ཚུདཔ་ཨིན། ཕྱེངམ་གི་མདོ་འཛིན་གྱི་པར་འདི་ གྱངས་ཁ་༡༠༨ལངམ་ད་ཚར་རེ་འཐོནམ་ཨིནམ་ད་ འདི་གིས་ ཕྱེངམ་སྐོར་གཅིག་ ཚང་བའི་བརྡ་མཚོན་བཏོནམ་ཨིན།
ཁྱད་ཆོས་ ༠2
ད་ལྟོ་ཡོད་པའི་ཕྱེངམ་གི་ ཡན་ལག་སྦེ་ ཉེ་འདབས་བརྡ་སྤྲོད་ཀྱི་འཕྲུལ་ཆས་ཅིག་ལྷན་ཐབས་སྦེ་འཐོབ་མི་འདི་ལས་ ཁྱོད་ཀྱིས་བསགས་མི་ཚུ་ དཀའ་ངལ་མེད་པར་རིམ་ལུགས་ནང་སྤོ་བཤུད་འབད་བཏུབ་ཨིན།
ཁྱད་ཆོས་ ༠3
ཁྱོད་ཀྱིས་ བཛྲ་གུ་རུ་ སྒྲ་དག་ཏོག་ཏོ་སྦེ་བགྱང་པ་ཅིན་ ཐོ་བཀོད་འབད་ཝ་ཨིན།
ལས་དོན་ཐོ་བཀོད་ལས་རྒྱུན་མཐུད་གྲོས་བསྡུར་ཚུ་བར་དུ་ ང་བཅས་ཀྱི་ཁྱད་ཆོས་ཚུ་གིས་ཁྱོད་ཀྱི་ཚོགས་པ་འབྲེལ་ཐག་ཆོད་པ་དང་གོ་རིམ་ལྡན་པར་མཉམ་འགྲོ་བཅུག་གི་འདུག།

ང་བཅས་ཀྱིས་ཁྱེད་ཆ་ཁྱབ་ སྤྱི་རུབ་ཀྱི་ཆོས་ཕྱོགས་ལཱ་ནང་ ཞུ་ཞུཝ་ཨིན། བཛྲ་གུ་རུའི་སྔགས་འདི་ དངོས་སུ་སྦེ་གྱངས་ཏེ་མ་འོངས་མི་རབས་ལས་ལྷག་སྟེ་ བདེ་བ་འབྱུང་ཐབས་ལུ་རྒྱལ་ཡོངས་ཀྱི་གནས་ཚད་ནང་བསག་ནི་ལུ་ གྲོགས་རམ་མཛད་གནང་།
འདི་ནང་ ཉམས་ལེན་རྐྱངམ་གཅིག་མེན་པར་གཅིག་མཐུན་གྱི་སྒོ་ལས་ བཀའ་དྲིན་དགའ་ཚོར་ཕུལཝ་ཨིན།



སྤྱོད་མཉེན་འདི་གིས་ སྔགས་བཟླས་བརྗོད་འབད་ནི་ནང་ རྒྱབ་སྐྱོར་འབད་བ་གིས་མ་ཚད་པར་ གུ་རུ་རིན་པོ་ཆེའི་སྤྲུལ་པའི་མཚན་བརྒྱད་ཚུ་གི་ རྩེད་སྟོན་ཉམས་མྱོང་གི་ཁྱད་ཆོས་ཚུ་ཡང་བྱིནམ་ཨིན། ཨིན་རུང་དེ་གིས་ ཧེ་མའི་ལོ་རྒྱུས་ལོག་སླབ་ནིའི་རྩིས་རྐྱབ་མེན། དེ་འབདཝ་ད་ སྤྲུལ་པའི་མཚན་བརྒྱད་དང་ཁོང་གི་དོན་དག་ཚུ་ མི་ཚུ་གིས་དོན་ཅན་ཅིག་སྦེ་ལོག་འཚོལ་ཞིབ་འབད་ནི་ལུ་ དང་འདོད་འབྱུང་བཅུག་ནི་སྦེ་ཨིན།
ང་བཅས་ཀྱིས་ སྤྱི་མཐུན་དང་དད་པའི་ཐོག་ལས་བསག་པའི་ བྱིན་ཅན་གྱི་སྔགས་འདི་རྒྱལ་ཡོངས་ཀྱི་མཆོད་པ་སྦེ་ཕུལཝ་ཨིན།
