རྒྱལ་ཁབ་ཀྱིས་མཉམ་འབྲེལ།

གུ་རུ་རིམ་ལུགས་འདི་ འབྲུག་རྒྱལ་ཁབ་ཀྱི་མི་སྡེ་ཁག་གི་མཉམ་འབྲེལ་ལུ་བརྟེན་བྱུང་པའི་གྲུབ་འབྲས་ཅིག་ཨིན། འདི་གིས་ མི་སེར། བརྡ་དོན་འཕྲུལ་རིག་གི་ཁྱད་རིགཔ། ན་གཞོན། རྒན་ཤོས། ཆོས་ཉམས་ལེན་འབད་མི་དང་ གཞན་ག་ར་གཅིག་ཁར་འཚོག་བཅུགཔ་ཨིན།

ག་རའི་དོན་ལུ་ རིམ་ལུགས་གསར་བཟོ།

མི་རབས་ཀྱི་བར་ན་འབྲེལ་བ་ག་དེ་སྦེ་བཟོཝ་སྨོ།

རིམ་ལུགས་བཟོ་ནི་འདི་ བརྒྱ་ཆ་ ༣༠ རྐྱངམ་གཅིག་འཕྲུལ་རིག་དང་ བརྒྱ་ཆ་ ༧༠ འདི་ མི་དང་འབྲེལ་བ་ཡོདཔ་ཨིན། འཕྲུལ་རིག་གིས་ མི་ཚུ་གི་བར་ན་ ཕྱོགས་རིས་དང་མ་འགྲིགསཔ་བཟོ་བའི་དུས་ཚོད་ཁར་ གུ་རུ་རིམ་ལུགས་བཟོ་མི་ཚུ་གིས་ ཐབས་ལམ་དང་ལྟ་ཐངས་མ་འདྲཝ་བཏོནམ་ཨིན། དྲན་ཤེས་དང་ལྡན་པའི་སྒོ་ལས་དགོས་པ་ཡོད་པའི་ཐོན་སྐྱེད་ཅིག་བཟོ་ཝ་ཨིན། སླར་འབྱུང་ནུས་ཤུགས་གཅིག་སྒྲིལ་སྒེར་སྡེ་ཚད་འདི་ འབྲུག་པའི་བརྩི་མཐོང་དང་ལམ་སྲོལ་ཚུ་འཕྲུལ་རིག་གི་ཐོག་ལས་ འཛམ་གླིང་གཞན་ལུ་སྟོན་ནིའི་དོན་ལུ་ འབྲུག་པའི་ན་གཞོན་ཚུ་གིས་སྤྲོ་བའི་ཐོག་ལས་གཞི་བཙུགས་འབད་ཡོད་པའི་ཚོང་སྡེ་ཅིག་ཨིན། རིམ་ལུགས་ཀྱི་དམིགས་ཡུལ་ཅིག་འདི་ སྔགས་བགྱང་ནིའི་སྲོལ་ཉམས་སྲུང་འབད་ཐབས་ལུ་ཨིན། རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ལས་ཉམས་ལེན་པ་ཚུ་གིས་ ཁོང་རའི་སྐད་བཙུགས་ནིའི་རྒྱབ་སྐྱོར་གནང་ཐོག་ལས་ མི་ག་ར་ལུ་ ཅི་དང་མ་འདྲ་བའི་ཉམས་མྱོང་ལེན་ནི་ནང་ལུ་ གྲལ་གཏོགས་འབད་བཅུག་སྟེ་ཡོདཔ་ཨིན།

1.

ན་གཞོན་ལམ་སྲོལ་དང་མཐུན་པ།

2.

སྔར་སྲོལ་གྱིས་རྒྱུད་བསྐུལ་འབད་ནི།

3.

དྲན་ཤེས་ལྡན་པའི་འཕྲུལ་རིག་གི་ཆོས་དང་འབྲེལ་བའི་ཉམས་མྱོང་བྱིནམ་ཨིན།

Visual feature

དགོས་པ་དང་བྱིན་རླབས་གཞི་བཙུགས།

Interior design showcase

བརྒྱུད་པའི་ བྱིན་རླབས།

ཞི་བདེའི་དོན་ལུ་སྨོན་ལམ་བཏབ་པའི་སྐབས་ ང་བཅས་རའི་མིའི་རང་བཞིན་ལས་འདས་ཏེ་འབད་ཐབས་ལུ་ ང་བཅས་ཀྱིས་ འབྲུག་གི་གནས་རྩ་ཅན་ཅིག་ནང་འགྱོ་སྟེ་ ང་བཅས་ཀྱིས་རྩ་འགེངས་འབད་མི་ལཱ་འདི་གིས་ སེམས་ཅན་ག་ར་ལུ་ ཕན་ཐོགས་འབྱུང་བཅུག་ཟེར་སྨོན་ལམ་བཏབ་ཅི། སྤ་རོ་སྟག་ཚང་ལུ་སྦེ་ ལས་འགུལ་འདིའི་དོན་ལུ་ སྙིང་རྗེ་དང་མོས་གུས་ལྡན་པའི་རིང་བརྒྱུད་ཀྱི་བྱིན་རླབས་དང་རྒྱབ་སྐྱོར་ཞུ་ཡོདཔ་ཨིན།

Laptop and ceremonial offerings

འཕྲུལ་རིག་དང་
རིག་རྩལ་ལྡན་པའི་རྒྱལ་ཁབ།

འཛམ་གླིང་ཡོངས་ཀྱི་མིག་འགྱུར་བའི་སྐྱེ་ཁམས། རིག་གཞུང་གི་ལྟེ་གནས་དང་མཚན་སྙན་གནས་རྩ་ཚུ་ལྟ་སྐོར་འབད།

Santorini coastal stairs
Road through red canyon mountains
Scenic mountain landscape over water
Hot air balloons at sunrise
Venice canal gondola ride
Traveler looking at mountain lake

མཉམ་འབྲེལ་དང་དོ་འགྲན།

འབྲུག་གཞུང་གི་ཞུ་བ་འདི་ འབྲུག་གི་བརྡ་དོན་འཕྲུལ་རིག་ལས་སྡེ་ལས་ མཉམ་འབྲེལ་དང་རིག་རྩལ་གྱི་དཔེ་སྟོན་ཅིག་ འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོའི་ལས་རིམ་ནང་ སྟོན་དགོཔ་སྦེ་ཨིན་པས། སླར་འབྱུང་ནུས་ཤུགས་གཅིག་སྒྲིལ་སྒེར་སྡེ་ཚད་ཀྱིས་ དགོས་དོན་སྦོམ་ཅིག་འགྲུབ་ནིའི་དོན་ལུ་ རིག་སྟོབས་ཅན་དང་ཐབས་རིག་ཅན་ཚུ་ གཅིག་ཁར་འཛོམས་ཏེ་ འབྲུག་གི་བརྡ་དོན་འཕྲུལ་རིག་ལས་སྡེ་འདི་ རྒྱལ་སྤྱིའི་གནས་ཚད་ཁར་ལྷོད་ཅི་ཟེར་ འཛམ་གླིང་ཡོངས་ཀྱིས་ཤེས་ཚུགསཔ་བཟོ་ཡོདཔ་ཨིན།

བློན་ཆེན་ཡིག་ཚང་།

བློན་ཆེན་ཡིག་ཚང་།

ལས་འགུལ་འགོ་འདྲེན་པ།

གྲྭ་ཚང་།

གྲྭ་ཚང་།

ལས་འགུལ་རྒྱབ་སྐྱོར་པ་གཙོ་བོ།

བརྡ་བརྒྱུད་གསར་གཏོད་བཟོ་གྲྭ་དང་བློ་རིག་རྒྱུ་དངོས་ལས་ཁུངས།

བརྡ་བརྒྱུད་གསར་གཏོད་བཟོ་གྲྭ་དང་བློ་རིག་རྒྱུ་དངོས་ལས་ཁུངས།

ལས་འགུལ་འགོ་འདྲེན་པ།

འབྲུག་གཞུང་འཕྲུལ་རིག་ལས་སྡེ།

འབྲུག་གཞུང་འཕྲུལ་རིག་ལས་སྡེ།

འཕྲུལ་རིག་མཉམ་འབྲེལ་པ།

སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས།

སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས།

ལམ་སྲོལ་དང་སྐད་ཡིག་གྲོས་སྟོན་པ།

སླར་འབྱུང་ནུས་ཤུགས་གཅིག་སྒྲིལ་སྒེར་སྡེ་ཚད།

སླར་འབྱུང་ནུས་ཤུགས་གཅིག་སྒྲིལ་སྒེར་སྡེ་ཚད།

ཁ་འབགཔ་གཙོ་བོ།

ཝཱོནསི།

ཝཱོནསི།

སྲ་ཆས་སྐྱེལ་སྤྲོད་མཉམ་འབྲེལ་པ།

ཝིཊསི་ཨིཊ།

ཝིཊསི་ཨིཊ།

སྲ་ཆས་གྲོས་སྟོན་པ།

སུ་པར་ཕེབ་ལེབ།

སུ་པར་ཕེབ་ལེབ།

སྲ་ཆས་བཟོ་སྐྲུན་མཉམ་འབྲེལ་པ

རོ་བོ་ཊིག་དང་ཨའི་ཨོ་ཊི་སྦྱོང་བརྡར་སྤེལ་ཁང་།

རོ་བོ་ཊིག་དང་ཨའི་ཨོ་ཊི་སྦྱོང་བརྡར་སྤེལ་ཁང་།

སྦྱོང་བརྡར་འབྲེལ་གཏོགས།

སྤྲོ་ཉམས་ལྡན་པའི་ཉམས་མྱོང་བྱིན་ནི།

སྤྲོ་ཉམས་ལྡན་པའི་སེམས་འདི་བློ་ཁོག་ཡངས་པའི་སེམས་ཅིག་ཨིན། དེ་འབདཝ་ལས་བཟོ་སྐྲུན་འབད་མི་ཚུ་གིས་ སྔགས་བགྱང་ནི་ནང་ རྩེདམོ་གི་ཆ་ཤས་ཚུ་བཙུགས་ཏེ་ཡོདཔ་ཨིན། ཁོང་རའི་ ལམ་སྲོལ། བཟའ་ཚང་། ཆ་རོགས། རྒྱལ་ཁབ་དང་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སེམས་ཤུགས་བྱིན་མི་ལུ་བརྟེན་ཏེ་ འབྲུག་པའི་ན་གཞོན་རིག་རྩལ་ཅན་ཚུ་གིས་ མི་རབས་ཆ་མཉམ་ལུ་ དགའ་བ་དང་དགོས་པ་འོང་ནིའི་དོན་ལུ་ རྩེདམོ་གི་ཆ་ཤས་ཡོད་པའི་ཉམས་མྱོང་ཅིག་གསར་བཟོ་འབད་དེ་ཡོདཔ་ཨིན།

1

འདས་པའི་དུས་ལས་བྱུང་བའི་ བསམ་གཞི་དང་སེམས་ཤུགས།

འདས་པའི་དུས་ཀྱི་ཚོར་བ་བྱིན་པའི་འགུལ་བརྙན།

གུ་རུ་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་ཀྱི་ཟབ་ཆོས་དང་ ད་ལྟོའི་བར་ན་ཡང་རྒྱུན་མ་ཆད་པར་ཡོད་པའི་ཁོ་རའི་ཐུགས་རྗེ་བྱིན་རླབས་དང་ མི་ཚེ་དོན་དང་ལྡནམ་སྦེ་སྡོད་ནིའི་སེམས་ཤུགས་ཚུ་ཨིན།

འདས་པའི་དུས་ལས་བྱུང་བའི་ བསམ་གཞི་དང་སེམས་ཤུགས།
2

ལག་བཟོའི་རྒྱུ་དངོས།

དེང་སང་གི་ལག་ཆས་དང་རིག་རྩལ། སྔར་སྲོལ་གྱི་བརྩོན་ཤུགས་དང་རྒྱུད་སྐུལ།

རིག་རྩལ་ཅན་གྱི་སྒྱུ་རྩལཔ་སྡེ་ཚན་ཅིག་གིས་ རྩེདམོ་རྩེ་མི་ཚུ་ལུ་ མིག་ཁར་མཛེས་ཏོག་ཏོ་དང་ དྲན་ཤེས་ཅན་གྱི་སྒྱུ་རྩལ་ སྟོན་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་ཨིན། གཟུངས་སྔགས་བགྱང་ནིའི་ཉམས་ལེན་འདི་ལུ་ འབྲུག་པའི་མི་ཚེའི་སྙིང་དོན་དང་ སྲོག་ཤིང་མཚོན་པའི་མཐོང་རྒྱ་ཚུ་གིས་ ཁེ་ཕན་འཐེབ་འབྱུངམ་ཨིན།

ལག་བཟོའི་རྒྱུ་དངོས།
3

དུས་རབས་ ༢༡ པའི་བརྡ་དོན་འཕྲུལ་རིག་གི་ཁྱད་རིགཔ།

བསམ་པ་བཟང་པ་ཅིན་ག་ཅི་ཡང་འབད་ཚུགས་པའི་དཔེ།

སྔགས་བགྱང་ནི་ཚུ་ རྩེདམོ་གི་རྣམ་པ་སྦེ་བཟོ་ནི་ནང་ བཅའ་མར་གཏོགས་མི་ག་ར་ ཁོང་རའི་ལཱ་དང་ མི་ཚེ་གཅིག་གི་རིང་ལུ་ ལྷབ་སྦྱང་འབད་ནི་ལུ་ སྤྲོ་བ་སྦོམ་འདུག། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གནང་བའི་གསོལ་ར་ བདེ་སྲུང་རིག་རྩལ་ལས་རིམ་ལུ་བརྟེན་ ཁོང་ར་ལུ་སྤྲོ་བ་སྦོམ་བྱུང་ཡོདཔ་དང་ ཁོང་ཆ་ཁྱབ་ཀྱིས་ ད་རེས་ ཁོང་རའི་རིག་རྩལ་དང་ཉམས་མྱོང་ཚུ་ དྲན་ཤེས་ལྡན་པའི་རྩེདམོ་ཚུ་སྐྱེལ་སྤྲོད་འབད་ནིའི་དོན་ལུ་ གཞུང་དང་སྒེར་གྱི་ལས་སྡེ་ཚུ་ནང་ལས་ཕར་ ལག་ལེན་འཐབ་དོ་ཡོདཔ་ཨིན།

དུས་རབས་ ༢༡ པའི་བརྡ་དོན་འཕྲུལ་རིག་གི་ཁྱད་རིགཔ།